七月不远【藏译文】

作者: 2016年04月09日15:11 浏览:384 收藏 觉得不错,我要 赞赏

七月不远 
性别的诞生不远 
爱情不远----马鼻子下 
湖泊含盐 

因此青海湖不远 
湖畔一捆捆蜂箱 
使我显得凄凄迷人 
青草开满鲜花 

青海湖上 
我的孤独如天堂的马匹 
(因此, 天堂的马匹不远) 

我就是那个情种: 诗中吟唱的野花 
天堂的马肚子里唯一含毒的野花 
(青海湖, 请熄灭我的爱情!) 

野花青梗不远, 医箱内古老姓氏不远 
(其他的浪子, 治好了疾病 
已回原籍, 我这就想去见你们) 

因此爬山涉水死亡不远 
骨骼挂遍我身体 
如同蓝色水上的树枝 

啊! 青海湖, 暮色苍茫的水面 
一切如在眼前! 

只有五月生命的鸟群早已飞去 
只有饮我宝石的头一只鸟早已飞去 
只剩下青海湖, 这宝石的尸体 
暮色苍茫的水面 

ཟླ་བདུན་པར་ཐག་མི་རིང་།
             -----  མཚོ་སྔོན་པོ་ལ་སྤྲིངས་པ། ཁྱེད་ཀྱིས་བདག་གི་བརྩེ་དུང་སྣུབས་རོགས་ཞུ།
                                   ཧེ་ཙིས་བརྩམས།
                                    སྒང་ལམ་པས་བསྒྱུར།
ཟླ་བདུན་པར་ཐག་མི་རིང་།
ཕོ་མོའི་སྐྱེས་སྐར་ལ་ཐག་མི་རིང་།
བརྩེ་དུང་ལ་ཐག་མི་རིང་།----- རྟ་ཕོའི་སྣ་འོག་གི
མཚེའུ་ལ་ཚྭ་ཆུ་འདྲེས་ཡོད།

དེ་བས་མཚོ་སྔོན་པོར་ཐག་མི་རིང་།
མཚོ་འགྲམ་གྱི་སྦྲང་མའི་སྒམ་ཆུང་དེ་ཚོས།
ང་རང་སྐྱོ་གདུང་གིས་བཟི་རུ་བཅུག་སོང་།
སྔོ་ལྗང་རྩྭ་ཤིང་གི་ཁོར་ཡུག་ཀུན་ན་མེ་ཏོག་ཁྲ་ཆིལ་བཞད་འདུག
མཚོ་སྔོན་པའི་ངོས་ན
ངའི་ཁེར་རྐྱང་ནི་ལྷ་ཡུལ་གྱི་རྟ་མཆོག་དང་མཚུངས་ལ།
(དེ་བས་ལྷ་ཡུལ་གྱི་རྟ་མཆོག་ལ་ཐག་མི་རིང་།)

ང་ནི་བརྩེ་དུང་གི་ས་བོན་ཞིག་དང་།སྙན་ངག་ཁྲོད་ན་གྱེར་བཞིན་པའི་རི་སྐྱེས་མེ་ཏོག
ལྷ་ཡུལ་གྱི་རྟ་མཆོག་གི་གྲོད་ཁོག་ན་ལུས་བའི་དུག་ལྡན་གྱི་མེ་ཏོག་ཉག་གཅིག་ཡིན།
(མཚོ་སྔོན་པོ་ལགས། ཁྱེད་ཀྱིས་བདག་གི་བརྩེ་དུང་སྣུབས་རོགས་ཞུ།)

རི་སྐྱེས་མེ་ཏོག་དེ་སྔོ་ལྗང་ཅན་དུ་འགྱུར་བར་ཐག་མི་རིང་།
སྨན་སྒམ་ནང་གི་གནའ་བོའི་རུས་མིང་དེ་ལ་ཐག་མི་རིང་།
(འཁྱམ་པོ་གཞན་དག    ནད་ལས་གྲོལ་རྗེས།ཕྱིར་
རང་གི་ཕ་སར་ལོག་སོང་བས།ང་རང་མྱུར་དུ་ཁྱེད་ཅག་དང་མཇལ་ན་འདོད་ཡོད།)

དེ་བས་རི་ལུང་སྟོང་ཕྲག་བརྒལ་མཐར་འཆི་བར་ཐག་མི་རིང་།
ཀེང་རུས་ཀྱིས་ངའི་ལུས་པོ་ཡོངས་སུ་ཁེབས་པ་དེ་ནི།
སྔོ་མདོག་གི་ཆུ་ངོས་ཀྱི་ཤིང་གི་ཡལ་ག་དང་ཡོངས་སུ་འདྲ་བོ་འདུག

ཨེ་མ། མཚོ་སྔོན་པོའི་ས་སྲོད་ཀྱི་མཚམས་ལ་བརྐྱང
ས་བའི་ཆུ་ངོས་ཀྱི་ཡོད་ཚད་ནི།
ངའི་མིག་མདུན་ལ་འཆར་བ་དང་གཉིས་སུ་མེད།

ཟླ་ལྔ་བའི་ཚེ་སྲོག་གི་བྱ་ཁྱུ་དག་སྔ་མོ་ནས་འཕུར་སོང་ལ།
ངའི་མརྒད་འཇིབས་པའི་བྱ་ཁྱུའི་མགོ་འདྲེན་དེ་ཡང་སྔ་མོ་ནས་འཕུར་སོང་།

ས་སྲོད་ཀྱི་མཚམས་ལ་བརྐྱངས་བའི་ཆུ་ངོས་སུ།
མརྒད་ཀྱི་བེམ་རོ་གཅིག་པུ་སྟེ།
མཚོ་སྔོན་པོ་གཅིག་པུ་ལུས་ནས་ཡོད།
                ༢༠༡༦ལོའི་ཟླ༣ཚེས༢༦ཉིན་བསྒྱུར།

注释:
译于2016年3月26日
扫描二维码以在移动设备观看
投诉举报

赞赏记录:

投诉举报

举报原因(必填):
侵权抄袭 违法违禁 色情低俗 血腥暴力 赌博诈骗 广告营销 人身攻击 其他不良信息
请详细阐明具体原因: